四月
20

༄།། ༢༠༡༥ལོའི་ཟླ་བ་༥པའི་ནང་ལ་གནས་མཆོག་ཀཿཐོག་རྡོ་རྗེ་གདན་གྱི་ཕོ་བྲང་དུ།༧སྐྱབས་རྗེ་མཆོག་སྤྲུལ་རྨོག་ཚ་རིན་པོ་ཆེ་ནས་བཀའ་ཁྲིད་བཀའ་དྲིན་རྩལ་གནང་རྒྱུ་གཏན་འཁེལ་བ།

Posted by kathog on 四月 20th, 2015 at 3:27 上午

༄།། ༢༠༡༥ལོའི་ཟླ་བ་༥པའི་ནང་ལ་གནས་མཆོག་ཀཿཐོག་རྡོ་རྗེ་གདན་གྱི་ཕོ་བྲང་དུ།༧སྐྱབས་རྗེ་མཆོག་སྤྲུལ་རྨོག་ཚ་རིན་པོ་ཆེ་ནས་བཀའ་ཁྲིད་བཀའ་དྲིན་རྩལ་གནང་རྒྱུ་གཏན་འཁེལ་བ།

རྒྱལ་བ་ཀཿཐོག་པའི་ཁྲིད་ཆེན་བཅུ་གསུམ་གྱི་རྒྱུད་པའི་མན་ངག་ཐམས་ཅད་སྔོན་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་མཆོག་ལ་མ་གཅིག་དཔལ་ལྡན་ལྷ་མོས་ལུང་གྲངས་མང་བསྟན་པ་ལྟར། ཁྲིད་ཆེན༡༣བཀའ་མཐའ་མ་སྐྱབས་མགོན་དགེ་རྩེ་རིན་པོ་ཆེ་མཆོག་ལ་བབ་པ་དང་། དེ་ལྟར་ཁོང་གི་དངོས་སློབ་ཀཿཐོག་རྨོག་སྤྲུལ་རིན་པོ་འཇིག་བྲལ་ཕྱོགས་ལས་རྣམ་རྒྱལ་ལ་དེའི་མན་ངག་ཡོངས་སུ་རྫོགས་པ་གནང་ཡོད་པ་དང་། དེས་མ་ཚད་པའི་ཀློང་གསལ་རྡོ་རྗེ་སྙིང་པོའི་སྙན་རྒྱུད་མན་ངག་ཁྲེགས་ཆོད་ཐོད་རྒལ་དང་བཅས་པ་དེ་བཞིན་བརྩལ་གནང་ཡོད་པ་ལྟར།

ད་ལམ་སྤྱི་ཟླ་བ་༥པའི་ཚེས་༩ཉིན་ནས་༧སྐྱབས་རྗེ་རྨོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཟླ་བ་ཁ་ཤས་རིང་ལ་ཀཿཐོག་རྡོ་རྗེ་གདན་དུ་དད་ལྡན་གཞི་བྱེས་སེར་སྐྱ་མང་ཚོགས་ཡོངས་ལ་གོང་གི་ཁྲིད་བཀའ་ཡོངས་སུ་རྫོགས་པ་བཀའ་དྲིན་རྩལ་གནང་རྒྱུ་ཡིན་འདུག



發表迴響

  1.  

    |