一月
25

ཀཿ ཐོག་མཁན་རྒན་རིན་པོ་ཆེའི་ཨ་བསམ་བསྟན་པའི་ཞལ་གདམས།

Posted by kathog on 一月 25th, 2023 at 7:23 下午

ཀཿ ཐོག་མཁན་རྒན་བསོད་ནམས་བསྟན་པའི་རྒྱལ་མཚན་མཆོག་གིས་ཞལ་གདམས།

སྤྱིར་བོད་འདིར་མུ་སྟེགས་དངོས་མེད་ཀྱང་ཚུར་མཐོང་གཙོ་འཛིན་ལྟ་ལོག་རྒན་པོས་འཁྱོགས་བཤད་ཀྱི་ས་བོན་སྤེལ། བླུན་པོ་ཅོལ་ཆུང་རྗེས་རྒྱུགས་བྱས་པའང་ཡོད་མོད། དཔང་པོ་བཀའ་དང་བསྟན་བཅོས་མ་བཞག་ན་གཞན་སུ་ཡང་མེད་དེ། སྐྱེས་བུ་དམ་པ་ཉིན་བྱེད་དབང་པོ་རྣམས་ནི་ནུབ། འཛམ་གླིང་ན་མ་རིག་རྨོངས་པའི་མུན་ནག་ནི་འཁྲིགས། ལྟ་ལོག་རྒན་པོ་འབྱུང་བྱའི་ཚོགས་ཀྱིས་དགོད་པའི་དུས་འདིར་བཀའ་དང་བསྟན་བཅོས་རིས་མེད་འཕགས་ཚོགས་རྣམས་ཀྱི་གསུང་གི་གཞིར་བཟུང་། དེར་མཐུན་རང་བློས་ནུས་ཚོད་རེས་འཆད་ཉན་དང་བསྒོམ་བསྒྲུབ་ལ་བརྩོན་པར་མཛད་ན་གནད་བརྒྱ་གཅིག་འདུས་ཡིན། དེ་ལྟར་མིན་པ་དེང་སང་རྒྱལ་ཁམས་ཐམས་ཅད་ལ་ཆོས་འཆད་པས་ཁྱབ། ཕོ་ཚོད་དང་གཟུ་ལུམ་གྱི་བོང་ཤ་གཡོ་ལ་མཁས་དབང་གཞན་གྱི་རི་དྭགས་སྤུས་བརྒྱན་པའི་སྒྱུས་བྱས་པ་ཕུང་ཚབས་ཆེ། སྤྱིར་བསྐྱེད་རྫོགས་ཚད་ལྡན་ཞིག་དགོས་པ་ཤིན་ཏུ་བདེན་མོད། སུས་ཚད་དང་ལྡན་མིན་ཐམས་ཅད་མཁྱེན་པ་མ་གཏོགས་རང་འདྲས་མི་ཤེས། རྡོ་རྗེ་ཐེག་པའི་སྔགས་ཆོག་རྣམས་ནི་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིད་དང་འབྲེལ་བ། ཆོག་ཁྲིད་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་མན་ངག་དང་འབྲེལ་བ་བཞི་ལྡན་ཡང་སྣུམ་ཟད་ཀྱི་མར་མེ་བཞིན་གཟིམ་ལ་ཁད་དུ་གྱུར། སྔར་གསར་རྙིང་དགོན་སྡེ་རྣམས་ཀྱི་བསྒྲུབས་པ་རྣམས་ཆ་བཞི་ལས་ད་ལྟ་ཆ་གཅིག་ཙམ་ལས་མ་ཚུགས། དེངས་སུ་སྔགས་ཆོག་གཟུགས་བརྙན་ཙམ་གནས་པའང་བལ་སྐུད་ཟད་པ་ལྟར་གྱུར་དུས་དེ་ལ་བསམ་སྦྱོར་གཉིས་ཀྱིས་ཤུགས་ཀྱི་མ་འཐེན་ནའང་རང་ཤུགས་ཀྱི་ཆད་ལ་ཁད་དུ་གྱུར་པས་མི་ཤི་ཁར་གྲིས་སྣུན་མི་དགོས་པ་བཞིན་ནོ།།

བཀའ་འཁོར་རིམ་པ་གསུམ་གྱི་བརྗོད་དོན་མི་ཕམ་རྒྱ་མཚོའི་རྟོགས་པའི་འདྲ་འབག

ཀཿཐོག་མཁན་རྒན་རིན་པོ་ཆེའི་ཨ་བསམ་བསྟན་པའི་ཞལ་གདམས།

發表迴響

  1.  

    |